༢༠༡༨ལོའི་རྒྱལ་ཁབ་ཟས་རིགས་བདེ་འཇགས་ལྟ་སྐུལ་འཐེན་བཤེར་གནས་ཚུལ།
稿件来源: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 发布日期: 2019-06-17 浏览次数:       字体大小:

 

  རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཕྱི་ཕྱོགས་སུ་༢༠༡༨ལོའི་རྒྱལ་ཁབ་ཟས་རིགས་བདེ་འཇགས་ལྟ་སྐུལ་འཐེན་བཤེར་གནས་ཚུལ་བརྡ་ཁྱབ་བཏང་ཡོད། འཐེན་བཤེར་མཇུག་འབྲས་ལས་གསལ་བར། འཐེན་བཤེར་བྱས་པའི་ཟས་རིགས་མ་དཔེ་ཆ་སྙོམས་ཚད་མ་ལོན་པ་བརྒྱ་ཆ་༢དང་གྲངས་ཆུང་༤ཟིན་པ་དང་། དེའི་ཁྲོད་ཤ་དང་། སྒོ་ང་། འོ་མ། འབྲས། གྲོ་ཞིབ། སྣུམ་སོགས་རྒྱུན་ལྡན་གྱི་འཛད་སྤྱོད་ཟས་རིགས་ཀྱི་འཐེན་བཤེར་ཚད་ལོན་ཚད་ཅུང་མཐོ་བ་དང་། སྟབས་བདེའི་ཟས་རིགས་དང་། འཁྱགས་གྲང་འཐུང་བྱ་སོགས་ཀྱི་ཚད་ལོན་ཚད་ཅུང་དམའ་བ་ཡོད།

分享到:
责任编辑: སྤེན་པ་སྒྲོལ་མ།